འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

མཁས་དབང་དགེ་འདུན་ཆོས་འཕེལ་ནི།

བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཏེ་སྤྱི་ལོ་ ༡༩༠༣ ལོའི་སྤྱི་ཟླ་ ༤ པའི་ཚེས་༢༠ཉིན་མདོ་སྨད་རེབ་གོང་རིག་པའི་འབྱུང་གནས་ཞོ་འོང་དཔྱི་རུ་དུ་འབོད་པའི་གྲོང་སྡེར་ཡབ་གསང་བསྔགས་རྙིང་མའི་རྣལ་འབྱོར་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་ནམ་ཨ་ལགས་རྒྱལ་པོ་དང་ཡུམ་ཨ་ནེ་བ་རྡོའམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་མཚན་ལ་རིག་འཛིན་རྣམ་རྒྱལ་ཞེས་གསོལ། ༡༩༥༡ ལོའི་ཟླ་ ༠༨ བའི་ཚེས་ ༡༥ ཉིན་ལྷ་ས་རུ་སྐུ་གཤེགས།

རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།

སྤྱི་ལོ་ ༡༩༥༠ ལོར་ལྷ་སའི་སྡེ་བ་གཞུང་གི་བཙོན་ནས་གྲོལ།

བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྟེ་སྤྱི་ལོ་ ༡༩༥༠ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་བཙོན་ནས་གློད་དེ་བོད་ས་གནས་སྲིད་གཞུང་གིས་རྒྱལ་རབས་རྩོམ་འཕྲོ་ཅན་དེ་འཕྲོ་བསྐྱངས་དགོས་པའི་བཀའ་ཕབ་ནས། ལོ་ལྟར་གླ་ཕོག་གི་ཚུལ་དུ་འབྲུ་ཁལ་དྲུག་ཅུ་དང་། དངུལ་སྲང་སུམ་སྟོང་འབུལ་རྒྱུའི་ཁག་ཐེག་ཅིང་བཞུགས་གནས་སོ་ནམ་ལས་ཁུངས་ཀྱི་ཁང་པ་དགའ་རུ་ཤག་ཟེར་བའི་ཁང་རབ་གཅིག་ཕུལ་རུང་བཙོན་དུ་བཅུགས་རིང་ཉེས་བརྡུང་གིས་རྐྱེན་པས་ལུས་སེམས་གཉིས་ཀར་སྡུག་གིས་མནར་ནས་བཞེས་རག་བར་མེད་དུ་བཞེས་པའི་རྐྱེན་གྱིས་སྐུ་ལུས་ཀྱང་ཉམས་དམན་སུ་ཕྱིན་ཏེ་སྔར་དང་མི་འདྲ་བར་བརྗེད་ངད་ཚ་བ་ཞིག་ཏུ་གྱུར་སྟབས་རླབས་ཆེ་བའི་རྒྱལ་རབས་དེ་ཉིད་འཕྲོ་བསྐྱངས་རྒྱུ་ནི་དམ་པ་ཁོང་ལ་མཚོན་ན་འོ་རྒྱལ་གྱི་གནས་སུ་གྱུར་བས་ད་ལྟའི་རྒྱལ་རབས་རྩོམ་འཕྲོ་ཅན་འདི་ལུས་པའོ། །

དེ་ལྟར་བཙོན་ནས་དབྱུངས་རྗེས་ཀྱང་བཞེས་རག་མུས་བཞིན་བཞེས་པའི་རྐྱེན་གྱིས་སྐུ་ལུས་ལ་སྐྲང་སྦོས་ཐེབས་ཏེ་བུ་སློབ་འཁོར་ཚོགས་རྣམས་ཀྱིས་བཞེས་རག་མི་བཞེས་པར་སྨན་གྱིས་བཅོས་དགོས་པའི་རེ་བ་བྱས་ཀྱང་ཡིད་ཐང་ཆད་དྲག་པའི་རྐྱེན་གྱིས་བཞེས་རག་བཞེས་མཚམས་མ་བཞག་པས་ཟླ་ཕྱེད་ཙམ་ཕྱིན་རྗེས་སྐུ་ལུས་སྐྲང་ནས་ཤིན་ཏུ་ཆེ་བར་གྱུར་ཏེ་སྐུ་ལུས་གཡས་གཡོན་བརྗེ་བར་གཞན་གྱིས་རོགས་བྱེད་དགོས་པའི་གནས་སུ་ལྷུང་ངོ༌།

 ༡༩༥༡ ལོའི་ཟླ་ ༠༨ བའི་ཚེས་ ༡༥ ཉིན་ལྷ་ས་རུ་སྐུ་གཤེགས།

སྤྱི་ལོ་ ༡༩༥༡ ལོའི་ཉིན་ཞིག་ཐུགས་སྲས་བུ་སློབ་དང༌། སྐུ་ཟླ་ཚེ་བརྟན་གཡུ་སྒྲོན་བཅས་ཀྱིས་སྲུང་སྟེ་བཞུགས་པའི་ཚེ་སྡེ་བ་གཞུང་ནས་ཕྱིར་སྤྲད་པའི་གསུང་རྩོམ་ལྷག་འཕྲོ་བླུགས་པའི་ལྕགས་སྒམ་ལ་གཟིགས་ནས་ཞལ་ཆུ་ལྷུང་མོས་སུ། ངའི་ཕ་གཞིས་འདི་དག་ཁྱེད་ཀྱི་ཉར་དགོས་ཞེས་ཧོར་ཁང་ལ་བཀའ་བརྩལ་བ་དང་ཚེ་བརྟན་གཡུ་སྒྲོན་ལའང་ང་ཤི་མ་ཐག་ལྕགས་སྒམ་འདི་ཧོར་ཁང་ལ་བཅོལ་ཅིག་ཅེས་ལན་དུ་མ་གསུང་སྟེ་གསུང་རྩོམ་ལྷག་འཕྲོ་རྣམས་ཀྱི་བདག་པོ་ཧོར་ཁང་བསོད་ནམས་དཔལ་འབར་ལ་བསྩལ་ལོ།

བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཏེ་སྤྱི་ལོ་ ༡༩༥༡ ཟླ་ ༨ པའི་ཚེས ༡༤ ལྷ་སའི་དགུང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་དགའ་རུ་ཤག་གི་ཡང་སྟེང་དུ་དུས་རབས་ཀྱི་དཔའ་པོ་ཞིག་གི་རྫོགས་ཚིག་ལོ་རྒྱུས་ཀྱི་ཤོག་ལྷེབ་ངོས་སུ་མ་བྲིས་རང་ཤུགས་སུ་དོད་དོ། །

བཙོན་ནས་ཧོར་ཁང་ལ་གནང་པའི་ཕྱག་བྲིས།

ཡི་མུག་པའི་དུས་འདི་འདྲར་ཡང་ཐོག་མའི་ཐུགས་བསམ་མ་བཏང་བ་ངོ་མཚར་ཆེ། རྒྱལ་རབས་འདི་ལ་བར་ཆད་འབྱུང་སྙམ་པ་དང་བོ་ནས་བློ་ལ་ཡོད་ཀྱང༌། བར་ཆད་འདི་ཙམ་ཧ་ཅང་ཐལ་བ་ལགས། འོན་ཀྱང་རྗེ་མི་ལས། བླ་མའི་གདམས་ངག་མི་ཟབ་ན། བདུད་ཀྱི་བར་ཆད་ཅི་ལ་འོང་གསུངས་པ་ལྟར་ལགས། ལྷ་བཙན་པོ་རྣམས་ལ་འགོ་བའི་ལྷ་ཞིག་དང༌། ལྷ་དེ་ཚོ་ལ་ནུས་པ་ཞིག་ཡོད་ན་ད་དུང་ཡང་རྒྱལ་རབས་འདི་(དེབ་ཐེར་དཀར་བོ)འགྲུབ་པའི་རེ་བ་ཙམ་ཡོད། དེ་མིན་ཁོ་བོ་ལ་ནི་སྐྱོབ་མཁན་སུ་ཡང་མེད། ཁ་སང་ཞུ་བ་ལེན་སྐབས་ཀྱང་ཁོ་བོས་བོད་ལ་སེམས་ནག་མེད་པའི་རྒྱུ་མཚན་དུ་རྒྱལ་རབས་འདི་འདྲ་ཡོད་ཚུལ་ཞུས་པར། ཁོང་རྣམས་ཀྱིས་ཀྱང་ཚིག་ལ་ངར་བཏགས་ཏེ་རྒྱལ་རབས་འདི་འདྲས་རྒྱལ་ཁབ་ལ་ཕན་ཚབ་དང༌།

བོད་ཀྱི་ལོ་རྒྱུས་ཐོག་བོད་ཡིག་གི་གསར་འགྱུར་ཚགས་པར་དང་བོ།

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་དགེ

བོད་ཡིག་གསར་འགྱུར་མེ་ལོང་ངམ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པ་ནི། སྤྱི་ལོ་༡༩༢༥་ནས་༡༩༦༣་ལོའི་བར་དུ་རྒྱ་གར་གྱི་བྱང་ཤར་ས་ཁུལ་གྱི་ཀ་ལོན་སྦུག་ས་གནས་སུ་པར་སྐྲུན་བྱས་ཤིང་བོད་ནང་དང་ས་ཁུལ་གཞན་དག་ཁ་ཤས་སུ་འགྲེམ་སྤེལ་བྱས་པ་རེད། དེ་ནི་འཛམ་གླིང་གི་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་ཡིག་གི་གསར་འགྱུར་ཚགས་པར་ཨང་དང་བོ་དང་དར་ཁྱབ་ཆེ་ཤོས་དེ་ཆགས་ཡོད། གསར་འགྱུར་མེ་ལོང་དེའི་ལས་ཁང་ནི། སྤྱི་ལོ་༡༩༢༥་ལོར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ཀྱིས་གསར་འཛུགས་གནང་བ་དང་། ལོ་དེའི་སྤྱི་ཟླ་བཅུ་བའི་ནང་དུ་གསར་འགྱུར་ཚགས་པར་ཐོག་མར་འགྲེམ་སྤེལ་བྱས་པ་རེད། སྐབས་དེར་ཁོང་གིས་གསར་འགྱུར་ལས་ཁང་དེའི་གསར་འགོད་པ་དང་། རྩོམ་སྒྲིག་པ། འགོ་འཛིན་པ་བཅས་ཀྱི་འགན་ཁུར་བཞེས་ཡོད།

དགེ་ཆོས་དང་ནུབ་བོད་ལེགས་བཅོས།

བཙུན་པ་མན་ཅོ་དང་མཁས་བ་མ་ཧུན་ཏ་དང་ལྷན་དུ་བསྐྱོན་པ།

ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པའི་ལག་འཁྱེར།

ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པ་རུ་འཛུལ་བའི་ཞུ་ཤོག

ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པའི་ལས་རོགས་ཐུབ་བསྟན་མགོན་པོ་སོགས།

ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པའི་ལག་རྟགས།

དགེ་ཆོས་ཀྱིས་བྲིས་གནང་པའི་པར་རིས་བརྩམས་ཆོས།

རྒྱ་གར་བས་ཟས་ལ་རོལ་བའི་པར་རིས།

རྒྱ་གར་བའི་ཁྱོགས་སམ་འདོ་ལིའི་པར་རིས།

བྱིས་པའི་དགེ་སློང་ལ་དད་པ།

ཤིང་གི་ཕུར་བ་སྟོང་གི་རྩེར་ཉལ་བའི་དཀའ་ཐུབ་པའི་པར་རིས།

རྒྱ་གར་གྱི་ཆུ་ལེན་བུ་མོའི་པར་རིས།

དྲི་ཞིམ་ཆུའི་དྲིལ་སྒྲོག་པར་རིས།

རྐང་ལག་བཙུགས་ཏེ་གནས་སྐོར་ལ་འགྲོ་པའི་པར་རིས།

རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་དང་ཤིང་དཔར་ཐོག་མ།

ཁོང་གིས་བྲིས་གནང་པའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་ཐོག་མ།

རྒྱལ་རབས་དེབ་ཐེར་དཀར་པོའི་ཤིང་དཔར་ཐོག་མ།

འདོད་པའི་བསྟན་བཅོས་ཀྱི་མ་དཔེ་དང་རྩོམ་ཡིག་གི་ཟིན་བྲིས་དག

ཁོང་གིས་བྲིས་བའི་ས་ཁྲ།(རྒྱལ་བོའི་ཁབ་ཀྱི་ལྗོངས་བཀོད་ངེས་འཛིན་ཙམ)

མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་དང་དཔྱད་གཞིའི་པར་རིས་ཁག་ཨ་ལགས་ཞེས་པའི་དྲ་ངོས་ཀྱི་ཟིན་བྲིས་ནས་ཟུར་འདོན་བྱས།