ཀུན་ཕན་སྨན་བཅོས།

ང་ཚོ་ནི་སྐུ་ཉིད་་ཀྱི་གཟུགས་གཞི་བདེ་ཐང་གི་ཆེད་དུ་ཡིན།

We Are Committed to Your Health

ང་ཚོས་དམིགས་སྒོ་ནི་ཆེད་ལས་མཁས་པ་གདན་ཞུ་དང་ལྷག་བསམ་རྣམ་དག་གིས་འཕྲོད་བསྟེན་ཞབས་ཞུ་བྱ་རྒྱུ་དེ་ཡིན།

Our Mission Is to Provide a Professional & Honest Approach to Health Care

 

N

ལྷག་བསམ་དང་། ཉམས་མྱོང་གིས་ཕྱུག་པའི་ཆེད་ལས་ལྷ་རྗེ།

གསོ་བ་རིག་པའི་གཞུང་ལུགས་ལྟར་། ལག་ལེན་གང་ལ་ཐོགས་པ་མེད་པར་བྱང་ཆ་ལྡན་པའི་ཐོག་ལྷག་བསམ་རྣམ་དག་དང་། ནོར་འཁྲུལ་གང་ཡང་མེད་པར་ནད་པར་བལྟ་སྐྱོང་བྱེད་རྒྱུ་ནི་ཆེད་ལས་སྨན་པ་ཞིག་གི་འགན་དབང་ཡིན།

N

ལས་རིགས་ཆེད་ལས་པ་དང་། མཛའ་མཐུན་གྱི་ལས་བྱེད་མི་སྣ།

ལས་རིགས་ཆེད་ལས་པ་དང་། སྨན་ཞབས་དང་སྣེ་ལེན་པ་སོགས། ཆིག་སྒྲིལ་མཛའ་མཐུན་ཅན་གྱི་ལས་བྱེད་མི་སྣ་སྐོང་འགུག་བྱ་རྒྱུ་ནི་ལས་རིམ་ཡར་རྒྱས་ཀྱི་གཞོགས་འདེགས་ནུས་སྟོབས་ཡིན།

N

དུས་ཚོད་ ༢༤/༧ རིང་ཁ་པར་གྱི་འབྲེལ་ལམ་ཞབས་ཞུ།

འདི་ནས་དུས་ནས་དུས་སུ། དུས་ཚོད་ ༢༤/༧ རིང་ཁ་པར་གྱི་འབྲེལ་ལམ་དང་། དུས་ཚོད་ ༢༤/༧ རིང་ཛ་དྲག་སྨན་པ་བསྟེན་གཏུག་ཞབས་ཞུ་མཐུན་སྦྱོར།

N

ཉིན་དེ་ག་རང་ལ་དུས་བཀག་ཁ་ཆད་བཟོ་བདེ་བའི་མཐུན་སྦྱོར།

འདི་ག་ཀུན་ཕན་སྨན་བཅོས་ཁང་དུ་ཉིན་དེ་ག་རང་ལ་ཐད་གར་ནད་པ་སུ་ཡིན་ལ་སྨན་པ་བསྟེན་གཏུག་གི་ཛ་དྲག་དུས་བཀག་ཁ་ཆད་བཟོ་བར་མཐུན་སྦྱོར་སྟབས་བདེ་གང་ལེགས་ཡོད་།

N

ཕེབས་མ་ཐག་ཏུ་ནད་པ་ངེས་ལེན་དང་། སྨན་པར་བསྟེན་གཏུག

ནད་པ་ཕེབས་མ་ཐག་ཏུ་ཐོ་འགོད་ངེས་ལེན་དང་། ཐད་ཀར་སྨན་པར་བསྟེན་གཏུག་གི་མཐུན་རྐྱེན་གང་ལེགས་སྤྲོད་རྒྱུ་ནི་འདི་ག་ཀུན་ཕན་སྨན་བཅོས་ཁང་གི་ལས་རིམ་གྱི་བྱེད་སྒོ་ཐོག་མ་ཡིན།

N

འགྲོ་གྲོན་འཕར་མ་དང་། སེམས་ཁྲེལ་མེད་པ།

འདི་ནས་དུས་ནས་དུས་སུ་འགྲོ་གྲོན་འཕར་མ་མེད་པ་ཐོག སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་སྐུ་ཉིད་ཀྱི་འཕྲོད་བསྟེན་ལ་དོ་འཁུར་བྱེད་བཞིན་པ་ཡིན།

སྤྱི་ཚོགས་ཞབས་ཞུའི་ལས་རིམ།

ཀུན་ཕན་སྨན་བཅོས་ནི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན། འདི་ནས་དུས་ནས་དུས་སུ་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་སྐུ་ཉིད་ཀྱི་འཕྲོད་བསྟེན་གཟུགས་གཞིའི་བདེ་ཐང་ལ་དོ་འཁུར་གྱིས་འགན་ལེན་བྱེད་བཞིན་པ་ཡིན།

སྨན་པ་མཐོང་བ་དོན་ལྡན།

གསོ་བ་རིག་པའི་གཞུང་ལུགས་ལྟར་། ལག་ལེན་གང་ལ་ཐོགས་པ་དང་ནོར་འཁྲུལ་མེད་པའི་ཐོག་ནད་པར་བལྟ་སྐྱོང་བྱ་དགོས།

སྨན་ཞབས་མ་གཞུང་བཟང་ལྷ་མོ།

འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་སྐུ་ཉིད་ཀྱི་འཕྲོད་བསྟེན་ལ་དོ་འཁུར་གྱིས་ཞབས་ཞུ་བྱེད་བཞིན་པ་ཡིན།

སྣེ་ལེན་མ་རིགས་བཟང་སྒྲོལ་མ།

འདི་ནས་དུས་ཚོད་ ༢༤/༧ རིང་ཁ་པར་གྱི་འབྲེལ་ལམ་དང་། སྨན་པ་བསྟེན་གཏུག་གི་ཞབས་ཞུ་མཐུན་སྦྱོར་ཞུ་བཞིན་པ་ཡིན།

འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་སྐུ་ཉིད་ཀྱི་འཕྲོད་བསྟེན་ལ་དོ་འཁུར་བྱེད་བཞིན་པ་ཡིན།

Flexible appointments and urgent care.

དམིགས་བཀར་དུས་བཀག་ཁ་ཆད་དང་ཛ་དྲག་ཞབས་ཞུ

འབྲེལ་གཏུག་ཁ་པར། — ༠༠༣༢ ༤༨༥ ༩༡༩ ༩༤༠

༄༅།།སངས་རྒྱས་སྨན་གྱི་བླ་ལ་གསོལ་བ་འདེབས།

ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །

བེེཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།