བོད་ཀྱི་གླེགས་བམ་དྲ་བ་ནི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

འདི་ག་བོད་ཀྱི་ཀྱི་གླེགས་བམ་དྲ་བ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་རི་མོ་སོགས་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་ཡོང་ཐབས་སུ་བོད་ཡིག་གི་ཁོར་ཡུག་གཞི་རྒྱ་ཆེར་བསྐྱེད་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན།

འདི་ག་བོད་ཀྱི་གླེགས་བམ་དྲ་བའི་ལས་རིམ།

ནང་བསྟན་རིག་གནས།

གཡུང་དྲུང་བོན་གྱི་བསྟན་པ་བྱུང་ཚུལ་དང།  ཆོས་བརྒྱུད་ཁག་ཆེན་པོ་བཞི་དང་རྒྱལ་བ་ཇོ་ནང་པ་བཅས་ཀྱི་བྱུང་རིམ་མདོར་བསྡུས་དང་པར་རིས་གསར་རྙིང་སྣ་ཚོགས།

སྐུ་བརྙན་པར་མཛོད།

བོད་བརྒྱུད་ནང་བསྟན་གྱི་སྐུ་བརྙན་ལྷ་ཚོགས་པར་མཛོད་ཆེན་མོ་བཟོ་འགོད་ཀྱིས་སྐུ་བརྙན་དང་སྐུ་པར་རིགས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་པར་རིས་དང་འགྲེལ་བཤད།

དངོས་མཚོན་རི་མོ།

བོད་ཀྱི་སྲོལ་རྒྱུན་རི་མོའི་གཟུགས་བརྙན་བྲིས་འབུར་སྣ་ཚོགས་དང༌། ཡུལ་གྲོང་ཁང་ཁྱིམ་སོགས་སུ་བཀོད་པའི་ཁྱད་ཆོས་དང་མཚོན་དོན།

རྩོམ་རིགས་གླེང་སྟེགས།

སྔོན་བྱོན་མཁས་གྲུབ་མང་པོའི་གསུང་རྩོམ་སྤྱི་དང་དེ་ལས་དམིགས་སུ་བཀར་ཏེ་དེང་སྤྱི་ཚོགས་ལ་ཐད་ཀར་ཕན་པའི་གདམས་ངག་བརྗེད་དུ་ཕངས་པའི་རིགས་དང། རང་སྒེར་སོ་སོའི་ཆེད་རྩོམ་སྣ་ཚོགས་དང་སྤྱི་ཚོགས་ཀྱི་རྒྱུན་ཤེས་སོགས་རྩོམ་རིགས་གང་མང་སྤེལ་ཡུལ་གྱི་སྤྱི་ལ་དབང་བའི་རང་དབང་གི་གླེང་སྟེགས་ཤིག་ཡིན།

ས་བབ་ཡུལ་ལྗོངས།

བསིལ་ལྡན་ཁ་བ་རི་བའི་ལྗོངས་ཀྱི་གནས་རི་དང་ཡུལ་ལུང། དགོན་སྡེ། ཡུལ་ལྗོངས། མཚོ་དང་མཚེའུ། རི་བོ་གྲགས་ཅན་དང་དེ་འབྲེལ་གྱི་ལོ་རྒྱུས། ས་བབ་ཀྱི་མཐོ་ཚད། འགྲིམ་འགྲུལ་གྱི་ལམ་ཁ་སོགས་གནའ་དེང་གི་གནས་སྟངས་གསལ་བའི་པར་རིས།

དཔེ་དེབ་ངོ་སྤྲོད།

བོད་ཕྱི་ནང་གཉིས་སུ་པར་འགྲེམས་བྱས་པ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་། ནང་ཆོས་ཀྱི་གསུང་ཚོགས། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་རི་མོ། རིག་གནས་སྒྱུ་རྩལ་བཅས་ཀྱི་བརྩམས་ཆོས་དཔེ་དེབ་གསར་ཐོན་ངོ་སྤྲོད་དང་འགྲེལ་བརྗོད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཤིག་ཡིན་ཕྱིན། རང་ཉིད་ཀྱི་ཆོས་ལུགས་དང་། མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།