འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

WE ARE A PASSIONATE DESIGNERS AND DEVELOPERS

ང་ཚོས་དུས་རབས་དང་བསྟུན་ནས། བོད་ཡིག་གི་དྲ་རྒྱ་ཇུས་འགོད་དང་། བོད་ཡིག་གི་དྲ་ངོས་བེད་སྤྱོད་བྱེད་པ་ནི། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་། རིག་གཞུང་ཞིབ་འཇུག གནས་ཚུལ་མཁོ་སྤྲོད། དཔལ་འབྱོར་འཕེལ་རྒྱས། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་། སྤུས་ཚད་གཉིས་ཐད་ནས་གྲུབ་འབྲས་ངེས་ཅན་ལྡན་པའི་ཆ་ནས། བོད་ཡིག་གི་དྲ་རྒྱ་གང་མང་བཟོ་བསྐྲུན་བྱེད་པ་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་བཟློག་ཏུ་མེད་པ་ཞིག་ཡིན།

དྲ་ངོས་ཇུས་འགོད།

འདི་ནས་སེམས་ཚོར་དྲག་པོ་དང་། ངང་རྒྱུད་རིང་པོས། སྐད་ཡིག་གང་རུང་གི་ཐོག་ CMS རང་བཞིན་ཅན་གྱི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

ཉམས་མྱོང་།

འདི་ནས་དུས་ཚོད་གང་མང་ཞིག་ནར་གཏོང་གིས་ CMS དྲ་ངོས་ཇུས་འགོད་ཀྱི་ལས་རིམ་ལ་གོམས་བྱང་དང་རྒྱུས་ལོན་ཀྱིས་ཞིབ་འཇུག་བྱས།

དྲ་རྒྱ་བཟོ་བསྐྲུན།

དུས་རབས་ཀྱི་ཁ་ཕྱོགས་དང་བསྟུན་ནས་བོད་ཡིག་གི་དྲ་རྒྱ་བཟོ་བསྐྲུན་བྱེད་པ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་བཟློག་ཏུ་མེད་པ་ཞིག་ཡིན།

བོད་ཀྱི་གླེགས་བམ་དྲ་བ་ནི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན།

བོད་ཀྱི་གླེགས་བམ་བོད་ཡིག་དྲ་བ་ནི། 

ཡོ་རོབ་སྦེལ་ལྗམ་དུ་གནས་སྡོད་རེབ་གོང་འཇིགས་མེད་ཀྱིས་སྒེར་ངོས་ནས། “ བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་ཇེ་ཆེར་འགྲོ་བར་དམིགས་ཏེ་” ལས་ཞོར་དུ་ཇུས་འགོད་དང་མགོ་འཛུགས་བྱས་པའི་སྤྱི་ཚོགས་ཞབས་ཞུའི་དྲ་ངོས་གསར་པ་ཞིག་དང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པ་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་ཅིང་ཕྱི་ཐག་རིང་བའི་ཤེས་ལྡན་པ་ཁག་ཅིག་གིས་ལས་ཞོར་དུ་དྭངས་བླང་ངང་མཉམ་ལས་གནང་བཞིན་པའི་དྲ་ངོས་ཤིག་ཡིན།

སྤྱི་ཚོགས་ཞབས་ཞུའི་ལས་རིམ།

རྒྱབ་སྐྱོར་གནང་རོགས།

འདི་གའི་དྲ་ངོས་འཆར་འགོད་ཀྱི་རིམ་པ།

རྒྱབ་སྐྱོར་གནང་རོགས།