འདི་ནས་སེམས་ཚོར་དྲག་པོ་དང་ངང་རྒྱུད་རིང་པོས་བོད་གི་དྲ་རྒྱ་ཇུས་འགོད་ཞུ་བཞིན་པ་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

སྲིད་པའི་འཁོར་ལོ།

སྲིད་པའི་འཁོར་ལོ་གཤིན་རྗེ་ཆོས་རྒྱལ་གྱི་ཕྱག་དང་ཞལ་གྱིས་དམ་དུ་འཛིན་པ་འདིས་ཁམས་གསུམ་གྱི་འགྲོ་བ་རྣམས་འཆི་བ་ལས་ཐར་ས་མེད་པར་མཚོན། རིགས་དྲུག་གི་སེམས་ཅན་རྣམས་ལས་ཉོན་གྱི་དབང་གིས་འཁོར་བ་འདི་ཐོག་མཐའ་མེད་པའི་འཁོར་ལོ་བཞིན་འཁོར་ཞིང་འཁོར་བར་མཚོན།

སྲིད་པའི་འཁོར་ལོའི་སྐུ་བརྙན་པར་མཛོད་དང་། སྐུ་བརྙན་འགྲེལ་བ།

༄༅།། སྲིད་པའི་འཁོར་ལོ།

སྲིད་པའི་འཁོར་ལོ་གཤིན་རྗེ་ཆོས་རྒྱལ་གྱི་ཕྱག་དང་ཞལ་གྱིས་དམ་དུ་འཛིན་པ་འདིས་ཁམས་གསུམ་གྱི་འགྲོ་བ་རྣམས་འཆི་བ་ལས་ཐར་ས་མེད་པར་མཚོན། རིགས་དྲུག་གི་སེམས་ཅན་རྣམས་ལས་ཉོན་མོངས་ཀྱི་དབང་གིས་འཁོར་བ་འདི་ཐོག་མཐའ་མེད་པའི་འཁོར་ལོ་བཞིན་འཁོར་ཞིང་འཁོར་བར་མཚོན།

འཁོར་ལོའི་དབུས་ཀྱི་སྲོག་ཆགས་བྱ་དང་སྦྲུལ་དང་ཕག་གསུམ་གྱིས་འདོད་ཆགས་དང་ཞེ་སྡང་གཏི་མུག་བཅས་ཀྱི་དུག་གསུམ་གྱི་ཉོན་མོངས་མཚོན། མ་རིག་པ་ནི་འཁོར་བའི་རྩ་བ་ཡིན། འཁོར་བ་ལས་ཐར་བར་འདོད་ན་མ་རིག་པ་སོགས་ཉོན་མོངས་ཀྱི་དུག་རྣམས་སྤོངས་དགོས་ཤིང་སྤོངས་བའི་ཐབས་ནི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་། བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་འབད་དགོས།