བོད་ཀྱི་གླེགས་བམ་དྲ་བ་ནི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན།

བོད་ཀྱི་གླེགས་བམ།
ལས་རིམ།འཆར་འགོད།

ཐུབ་དབང་སྨྲ་བའི་ཉི་མ།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི༎ སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ༎ རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི༎ ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ༎

རྒྱལ་སྲས་དོན་གྲུབ། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར།

པན་གྲུབ་བཅུ་བདུན་གྱི་སྐུ་བརྙན་དང་འགྲེལ་བ།

སློབ་དཔོན་ཀླུ་སྒྲུབ།

རྒྱལ་ཡུལ་དགོངས་དོན་མཐའ་བྲལ་དེ་ཉིད་དོན༎ རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ༎ རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ༎ འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས༎

རྒྱལ་སྲས་འཕགས་པ་ལྷ།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན།། ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུན་ནོར་དཔལ།། རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས།།

སློབ་དཔོན་སངས་རྒྱས་བསྐྱངས།

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན༎ བཏགས་ཡོན་མིང་རྐྱང་ཙམ་གྱི་ཟབ་མོའི་གནད༎ གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ༎ སངས་རྒྱས་བསྐྱངས་ཀྱི་ཞབས་གསོལ་བ་འདེབས༎

སློབ་དཔོན་ལེགས་ལྡན་འབྱེད།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་༎ ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི༎ གྲུབ་མཐའ་སྲོལ་བཏོད་ཡོངས་རྫོགས་པཎྜིཏ༎ སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས༎

དཔལ་ལྡན་ཟླ་བ་གྲགས་པ།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས༎ མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ༎ ཟབ་རྒྱས་འདོགས་མཁས་མདོ་སྔགས་ཡོངས་རྫོགས་ལམ༎ རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས༎

འཕགས་པ་ཐོགས་མེད།

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་དབྱིག་གཉེན།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཡོན་ཏན་འོད།

འདུལ་བ་འབུལ་སྡེའི་དགོངས་དོན་ལེགས་བསྡུས་ནས། །ཐབས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཤཱཀྱ་འོད།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །འདུལ་བསྟན་དྲི་མེད་རིང་ལུགས་སྤེལ་བའི་སླད། །རྒྱ་ཆེན་གཞང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་སདེབས། །

སློབ་དཔོན་ཆོས་གྲགས།

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོགས་མཁས་པའི། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

མཁན་ཆེན་ཞི་བ་འཚོ།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

སློབ་དཔོན་སེང་གེ་བཟང་པོ།

ཡུལ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །ཡུལ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

རྒྱལ་སྲས་ཞི་བ་ལྷ།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པའི་ལམ། །ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

འཕགས་པ་གྲོལ་སྡེ།

ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

དཔལ་ལྡན་ཨ་ཏི་ཤ

ཐུབ་གསུམ་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །གངས་ལྗོངས་ཐུབ་བསྟན་སྤེལ་པའི་དྲིན་ཅན་རྗེ། །ཇོ་བོ་ཨ་ཏི་ཟ་ལ་གསོལ་བ་འདེབས། །

སློབ་དཔོན་ཕྱོགས་གླང་།

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །སྟོན་ཕྱིར་ཚད་མ་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་པད་མའི་ངང་ཚུལ།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

གསལ་བསྒྲགས།

འདི་ག་དྲ་ངོས་ནས་པན་གྲུབ་བཅུ་བདུན་གྱི་སྐུ་བརྙན་བྲིས་ཐང་ཡག་ཤོས། རྒྱུ་ཆ་ Feet 23 དང་ Pixel 27000 ཡན་ཀྱི་པར་གཞི་ཚད་ལྡན་མཁོ་སྤྲོད་ཞུ་བཞིན་པ་ཡིན་པས། དགོས་མཁོ་ཡོད་རིགས་ནས་འདི་ག་དྲ་ངོས་སུ་ཐོ་འགོད་ཀྱིས་པར་སྐྲུན་དང་བེད་སྤྱོད་བྱ་ཐུབ།