འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་ལ་དགོངས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མདུན་ནས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བའི་ལམ་ལ་འགོད། སེམས་ཅན་ཐམས་ཅད་ཐར་པ་དང་བྱང་ཆུབ་ཀྱི་ལམ་ལ་མ་འཁོད་ཀྱི་བར་དུ་རང་ངལ་ཞིང་དུབ་ནས་བདེ་བའི་བསམ་པ་སྐད་ཅིག་སྐྱེས་ན་ངའི་མགོ་འདི་ཨརྫ་ཀའི་དོག་པ་ལྟར་ཚལ་པ་བཅུ་དང་། ལུས་པོ་པདྨའི་འདབ་མ་བཞིན་དུ་དུམ་བུ་སྟོང་དུ་བྱེ་བར་གྱུར་ཅིག་ཅེས་དམ་བཅས་ཤིང་། འགྲོ་དོན་མཛད་དེ་གཟིགས་པ་ན་སེམས་ཅན་རྣམས་བརྒྱའི་ཆ་ཙམ་ཡང་བདེ་བ་འཁོད་མེད་པར་གཟིགས། ཐུགས་མུག་ལ་རང་ཞི་བདེའི་བསམ་པ་སྐྱེས་པས། སྔོན་གྱི་སྨོན་ལམ་གྱི་མཐུས་དབུ་ཚལ་པ་བཅུར་གས་ཤིང་། སྐུ་ལུས་དུམ་བུ་སྟོང་དུ་ཞིག་པར་གྱུར་པ་ན་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས་དབུ་ཚལ་པ་བཅུར་གས་པ་འདི་ཞལ་བཅུ་དང་དེའི་སྟེང་དུ་ཨ་མི་དེ་བ་དང་བཅས་སུ་བྱིན་གྱིས་བརླབས། ལུས་དུམ་བུ་སྟོང་དུ་བྱེ་བ་ཕྱག་སྟོང་དང་དེ་ཡང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྟོང་དུ་བྱིན་གྱིས་བརླབས། ཕྱག་སྟོང་གི་མཐིལ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་མཚོན་པའི་སྤྱན་སྟོང་དུ་བྱིན་གྱིས་བརླབས་སོ།། །།
གཟུངས་སྔགས། ན་མོ་རཏྣཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་ས་ག་ར། བཻ་རོ་ཙ་ན། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿསམྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་བ་ན་ཡེ་སྭཱཧཱ།