སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་དཀྱིལ་འཁོར།
དཀྱིལ་འཁོར་འདི་ནི། གཙོ་བོ་ལ་འཁོར་གྱི་རོལ་བས་མཛེས་པར་བསྐོར་བ་སྟེ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པས་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ་ཡིན།
དཀྱིལ་འཁོར་གྱི་སྐུ་བརྙན་པར་མཛོད་དང་། སྐུ་བརྙན་འགྲེལ་བ།
this page is under construction
༄༅།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར།
ཐང་ག་འདི་ནི་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡིན། དཀྱིལ་འཁོར་གྱི་མཐའ་བཁོར་ན་ཁ་དོག་དམར་སེར་ལྗངས་སྔོན་བཅས་ཞིག་མེད་རྡོ་རྗེའི་ཕྲེང་བ། དེའི་ནང་གི་མདོག་སྣ་ཚོགས་ཀྱི་པདྨའི་འདབ་སྟེང་གི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཙོ་སྐུ། ཤར་ན་རྡོ་རྗེ་སེམས་དཔའ། ལྷོ་ན་རིན་ཆེན་འབྱུང་ལྡན། ནུབ་ན་སྣང་པ་མཐའ་ཡས། བྱང་ན་དོན་ཡོན་གྲུབ་པ་བཅས་བཞུགས།
གོང་ན་རིགས་གསུམ་རིགས་ཀྱི་བདག་པོ་འཇམ་དབྱངས་དང༌། སྤྱན་རས་གཟིགས། རྡོ་རྗེ་འཆང༌། གཡས་ན་སྟོན་པ་དང༌། སྒྲོལ་དཀར། སྒྲོལ་ལྗངས། གཤམ་ན་མགོན་པོ་ཕྱག་དྲུག་པ་དང༌། ཕྱག་བཞི་པ་དང༌། དཔའ་ལྡན་ལྷ་མོ་དང༌། དམ་ཅན་ཆོས་རྒྱལ་སོགས་བཞུགས།།
༄༅།། མཁའ་སྤྱོད་ཞིང་ཁམས།
སངས་རྒྱས་དང་ཡི་དམ་ཚང་མ་ལ་རང་རང་གི་ཞིང་ཁམས་ཡོད་ཅེས་པ་ལྟར་མཁའ་སྤྱོད་ཞིང་ཁམས་ནི་མཁའ་སྤྱོད་མའི་ཞིང་ཁམས་ཡིན། དཀྱིལ་དུ་མཁའ་སྤྱོད་མའི་ཕོ་བྲང་དང༌། དེའི་མདུན་དབུས་སུ་མཁའ་སྤྱོད་མ་བཞུགས་ཡོད། ཐོད་ཆར་ས་སྐྱ་ཀུན་དགའ་སྙིང་བོ་སོགས་མཁའ་སྤྱོད་མའི་བླ་བརྒྱུད་དང༌། གཤམ་དུ་དེའི་སྲུང་མ་དུར་བདག་སོགས་ཡོད།
མཁའ་སྤྱོད་མ་འདི་བསྟེན་ནས་ཉམས་སུ་བླང་ན་རང་ཉིད་མཁའ་སྤྱོད་ཀྱི་ཞིང་དུ་སྐྱེས་བར་གསུངས་སོ།
༄༅།། རྡོ་རྗེ་ཕག་མོའི་དཀྱིལ་འཁོར།
དཀྱིལ་འཁོར་དབུས་ཀྱི་ཕོ་བྲང་དུ་རང་བྱུང་ཡེ་ཤེས་ཀྱི་ངོ་བོའི་བདག་ཉིད་ཅན་རྡོ་རྗེ་ཕག་མོ་བཞུགས་ཤིང་ཕྱག་དཔུང་གཡོན་པར་ཀྱཻ་རྡོ་རྗེའི་མཚོན་བྱེད་ཁ་ཊཱཾ་ག་ལ་བརྟེན་པ་དང༌། ཕྱོགས་བཞིའི་པད་འདབ་ཀྱི་སྟེང་དུ་མཁའ་འགྲོ་བཞི་བཞུགས་པ་ལས་ཕྱི་མ་ཤར་རྡོ་རྗེ་མཁའ་འགྲོ་མ་ཡིན་ཞིང་འདི་ཉིད་སྤྱི་བོའི་གནས་ཡིན། གཡས་པ་ལྷོ་རིན་ཆེན་མཁའ་འགྲོ་ཡིན་ཞིང་འདི་ཉིད་མགྲིན་པའི་གནས་ཡིན། མདུན་དུ་ནུབ་པད་མ་མཁའ་འགྲོ་ཡིན་ཞིང་འདི་ཉིད་སྙིང་གའི་གནས་ཡིན། གཡོན་པ་བྱང་ལས་ཀྱི་མཁའ་འགྲོ་ཡིན་ཞིང་འདི་ཉིད་ལྟེ་བའི་གནས་ཡིན། རྡོ་རྗེ་ཕག་མོ་ཉིད་གསང་བའི་གནས་ཡིན་པ་བཅས་སོ།
དཀྱིལ་འཁོར་གྱི་ཕྱི་རོལ་མེ་དཔུང་དང་རྡོ་རྗེའི་ལྕགས་རིས་བསྐོར་བ་དང༌། དེའི་ནང་རོལ་ཐོད་ཕྲེང་གིས་བསྐོར་བའོ། དཀྱིལ་འཁོར་གྱི་གོང་དུ་བཀའ་བརྒྱུད་པའི་བླ་བརྒྱུད་ལྔ་སྟེ་རྡོ་རྗེ་འཆང་དང༌། ཏཻ་ལོ་པ་དང༌། ནཱ་རོ་པ་དང༌། མར་པ་དང༌། མི་ལ་རས་པ་དང༌། འོག་ཏུ་སྲུང་མ་བཅས་བཞུགས།
འདི་ཉིད་ལྷག་པའི་ལྷར་བཟུང་སྟེ་བླ་མའི་བཀའ་ལྟར་སྐྱེད་རྫོགས་ཉམས་སུ་བླངས་ན་ཚེ་འདིར་ཟུང་འཇུག་བརྙེས་ཐུབ་པར་གསུངས།
༄༅།། གནས་བརྟན་བཅུ་དྲུག་གི་དཀྱིལ་འཁོར།
དཀྱིལ་འཁོར་འདིའི་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པ་དང༌། ཉན་ཐོས་གཉིས། དེའི་མཐའ་སྐོར་དུ་གནས་བརྟན་བཅུ་དྲུག་བྲིས་ཡོད། དཀྱིལ་འཁོར་ཕྱི་རོལ་གྱི་ཐོད་ཆའི་དཀྱིལ་དུ་བྱམས་པ་མགོན་པོ། གཡས་གཡོན་དུ་ཨ་ཏི་ཤ་དང༌། ཙོང་ཁ་པ། ཐོད་ཆའི་གཡས་སུ་ཚེ་དཔག་མེད་དང༌། སྒྲོལ་མ། རྣམ་རྒྱལ་མ། གཡོན་དུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དྲུག་པ་བསྟན་པའི་ཡེ་ཤེས་བཅས་དང༌། གཤམ་དུ་ནོར་གྱི་བདག་པོ་ཛམྡྷ། ཁྲོ་བོ་མི་གཡོ་བ་བཅས་བྲིས་ཡོད།
༄༅།། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་དཀྱིལ་འཁོར།
དཀྱིལ་འཁོར་འདི་ནི། གཙོ་བོ་ལ་འཁོར་གྱི་རོལ་བས་མཛེས་པར་བསྐོར་བ་སྟེ་གཙོ་བོ་རང་བྱུང་གི་ཡེ་ཤེས་ལ་ལམ་འབྲས་བུ་དང་བཅས་པས་འཁོར་གྱིས་བསྐོར་བའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པ་ཡིན།
དཀྱིལ་འཁོར་འདིའི་དཀྱིལ་དབུས་སུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཡོད་པ་དང༌། དེ་ཉིད་གཞིར་བྱས་ཏེ་སྒོར་མོ་དང་གྲུ་བཞིའི་གཟུགས་སུ་ཞིང་ཁམས་འཁོད་ཡོད་པ་ལ། ཐོག་མར་ཕྱི་ནས་ནང་དུ་ལྟ་སྒོམ་མཛད་དགོས་པ་སྟེ། ཕྱིའི་མཐའ་ཡེ་ཤེས་ཀྱི་མེ་དཔུང་གིས་བསྐོར་ཡོད། བང་རིམ་གཉིས་པ་མདོག་སྔོ་སྐྱའི་ཆ་ཁག་བརྒྱད་དུ་ཕྱེ་བས་དུར་ཁྲོད་ཆེན་པོ་བརྒྱད་ཡིན། བང་རིམ་གསུམ་པ་ནི་པད་འདབ་དང་རྒྱ་མཚོ་སྟེ་འདི་ཉིད་འཁོར་འདས་གཉིས་ཀྱི་དབྱེ་མཚམས་ཡིན། འདས་པའི་ཞིང་དུ་ནང་ནས་ཕྱི་ལ་ལྷ་སྒོམ་མཛད་དགོས། དེ་ལྟར་ཕྱི་ནས་ནང་དུ་སྐོར་རིམ་ལྟར་བསྡུས་པ་དང་ནང་ནས་ཕྱི་ལ་གྲུ་བཞིའི་གཟུགས་སུ་འགྱེད་པའོ།