བོད་ཀྱི་གླེགས་བམ་དྲ་བའི་རྩ་དོན།

བོད་ཀྱི་གླེགས་བམ་དྲ་བ་ནི་བོད་ཕྱི་ནང་གཉིས་ཀྱི་དཔྱོད་ལྡན་པར་དམིགས་ཏེ་བཟོ་སྐྲུན་བྱས་པ་ཞིག་ཡིན་སྟབས། བོད་རང་གི་རིག་གཞུང་ཁོ་ན་རྒྱུན་འཛིན་བྱ་རྒྱུ་ལས། དེང་དུས་ཀྱི་ཆབ་སྲིད་དང་འབྲེལ་བའི་རྩོམ་རིགས་སོགས་འབྲི་འགོད་བྱ་འཆར་མེད།

བོད་ཀྱི་གླེགས་བམ་དྲ་བར་དམིགས་བཀར་རྩོམ་སྒྲིག་པ་མེད།

བོད་ཀྱི་གླེགས་བམ་དྲ་བ་འདི་ནི་བོད་ཕྱི་ནང་གཉིས་ཀྱི་མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་པ་སུ་ཡིན་ཡང་རང་མོས་ཀྱིས་དྲ་ངོས་འདིར་ཐོ་འགོད་དེབ་སྐྱེལ་གྱིས། གནའ་རབས་གཞུང་ལུགས་དང་ཆེད་རྩོམ། བསླབ་བྱ། དཔྱད་བརྗོད་རྩོམ་ཡིག་སོགས་ངོ་སྤྲོད་དང། རང་སྒེར་སོ་སོ་ནས་ཀྱང་ཆེད་རྩོམ་སྣ་ཚོགས་དང་སྤྱི་ཚོགས་ཀྱི་རྒྱུན་ཤེས་སོགས་རྩོམ་རིགས་གང་མང་སྤེལ་ཡུལ་གྱི་སྤྱི་ལ་དབང་བའི་གླེང་སྟེགས་ཤིག་ཡིན་པས། དྲ་ངོས་སུ་རང་གཞན་སོ་སོའི་བརྩམས་ཆོས་དང་རྩོམ་རིགས་སོགས་གང་སྤེལ་བ་དེའི་རྩོམ་ཁུངས་དང་བདག་དབང་གི་འགན་དབང་དེ་རྩོམ་ཡིག་ཆེད་འགོད་ཞུ་མཁན་རང་ནས་ཁག་གསལ་ཁ་ཡོད་དགོས་པ་ལས། རྩོམ་ཁུངས་དང་། བདག་དབང་གསལ་ཁ་མེད་པ། ཡང་ན་ཆོག་མཆན་མ་ཐོབ་པའི་བརྩམས་ཆོས་དང་། རྩོད་གཞི་ཅན་གྱི་ནང་དོན་སོགས་འདི་ག་བོད་ཀྱི་གླེགས་བམ་དྲ་ངོས་སུ་འབྲི་འགོད་མི་གནང་རོགས།

བོད་ཡིག་གླེགས་བམ་དྲ་བ་འདི་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གཞི་རྒྱ་ཇེ་ཆེར་ཡོང་ཆེད་ཡིན།

བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་ཅན་དང༌། ཉམས་ཞིབ་གནང་མཁན་རྣམས་ལ་དེ་འབྲེལ་གྱི་ཡིག་ཆ་དང་དཔེ་དེབ་ངོ་སྤྲོད། སྔོན་བྱོན་མཁས་པའི་གསུང་རྩོམ་གློག་ཀླད་དུ་བཅུག་ཟིན་རིགས་ཀྱང་གང་ཐུབ་མཁོ་སྤྲོད་སོགས་བོད་ཡིག་བེད་སྤྱོད་དང་ཁོར་ཡུག་གཞི་རྒྱ་ཇེ་ཆེར་ཡོང་བའི་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ཞིག་ཡིན།

བོད་ཀྱི་གླེགས་བམ་དྲ་ངོས་སུ་གང་བྱུང་མི་འགོད་རོགས།

གོང་གསལ་ཞུས་པའི་ཁ་ཕྱོགས་དང་འགལ་བ་མཐོང་ཚེ་དོ་བདག་སོ་སོར་གསལ་བཤད་དང་འབྲེལ་དྲ་ངོས་ནས་ཕྱིར་འཐེན་བྱ་འཆར་སོགས་དགོངས་པའི་མཐིལ་དུ་བཟུང་སྟེ་རང་དབང་ངང་ལོངས་སུ་སྤྱོད་རོགས།